ཞི་རྒོལ་སྐབས་འདས་གྲོངས་གྱུར་པར་བསྡོ་སྨོན།
2010.01.07

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། དོན་གྲུབ་རྡོ་རྗེ།
༄༅༎ཕྱི་ཟླ་དང་པོའི་ཚེས་བདུན་རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ལྔ་ཁྲི་ལྷག་ལ་བཀའ་ཆོས་གནང་བའི་སྐབས་ཉིས་སྟོང་བརྒྱད་ཟླ་བ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ས་ཡོངས་སུ་བོད་མིས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གི་དྲག་གནོན་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་དམིགས་བསལ་བསྔོ་སྨོན་གསོལ་འདེབས་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་གཏང་བའི་གནས་ཚུལ་ཞིག་གསན་རོགས༎