༸གོང་ས་མཆོག་གི་ཨོསྟྲེ་ལི་ཡའི་མཛད་འཆར།
2009.12.01

ཨེ་ཨེཕ་པི།
༄༅༎བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨོསྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་ནང་ཉིན་གྲངས་བཅུའི་རིང་ཆོས་འབྲེལ་མཛད་འཕྲིན་སྐྱོང་བཞིན་ཡོད་པའི་ཉིན་གཉིས་པའི་ཐོག་སིཌ་ནི་གྲོང་ཁྱེར་ནང་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་བཀའ་ཆོས་བཀའ་དྲིན་ཆེ་གནང་མཛད་པ་མ་ཟད་ཡུལ་དེའི་ནང་བཅའ་སྡོད་བོད་མི་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་ཆེ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨོསྟྲེ་ལེ་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་གྱིས་བཏང་གནས་ཚུལ་ཞིག་གསན་རོགས༎