༸གོང་ས་མཆོག་ནས་གསུང་ཆོས་བཀའ་དྲིན་བསྩལ།
2009.05.04

བསོད་ནམས་དབང་ཕྱུག ཕ་ཡུལ་དྲ་གནས།
༄༅༎ཕྱི་ཟླ་ལྔ་བའི་ཚེས་གསུམ་རེས་གཟའ་ཉི་མའི་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོརྐ་ནང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ས་གནས་བོད་མི་དང་ཧི་མ་ལ་ཡ་རི་བརྒྱུད་ཀྱི་མི་རིགས།དེ་བཞིན་དད་ལྡན་ཆོས་ཞུ་བར་ནང་ཆོས་ངོ་སྤྲོད་དང་བཀའ་སློབ་བཀའ་དྲིན་བསྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ནིའུ་ཡོརྐ་ཁུལ་གྱི་གསར་འགོད་པ་ངག་ཆོས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎