འཇམ་དབྱངས་ཆོས་གླིང་།
2009.05.19

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིས་སྤྱི་ནོར་༸གོས་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་གསར་བཞེངས་གྲུབ་པའི་བཙུན་དགོན་འཇམ་དབྱངས་ཆོས་གླིང་རིགས་ལམ་སློབ་གཉེར་དབུ་འབྱེད་དང་རབ་གནས་གནང་ཡོད་ཅིང་བཙན་བྱོལ་བོད་གཞུང་གི་དཔོན་རིགས་ཁག་ཅིག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་ཁག་ཅིག་ནས་མཛད་སྒོར་ཆེད་བཅར་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎