༸གོང་ས་མཆོག་གི་རྟ་ལྦང་ཁུལ་གྱི་མཛད་འཆར།
2009.11.09

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་བཅུ་གཅིག་ཚེས་དགུ་རེས་གཟའ་ཟླ་བའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ས་མཚམས་དང་ཉེ་བའི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ཎ་ཅལ་གྱི་རྟ་ཝང་ཁུལ་དུ་ཞབས་སོར་བདེ་བར་འཁོད་ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་ཆོས་འབྲེལ་སྐྱོང་བཞིན་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཏོང་གསར་འགོད་པ་དཀར་མཛེས་བ་བསོད་ནམས་དབང་འདུས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎