༸གོང་ས་མཆོག་ནས་གསར་འགོད་ལྷན་ཚོཌ་གནང་།
2009.07.30

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་བདུན་པའི་ཉེར་དགུ་རེས་གཟའ་ལྷག་པའི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་པོ་ལེནྜ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་འཇར་མེ་ནིའི་གྲོང་ཁྱེར་ཕརེངྐ་ཕོརྜ་ནང་ཞབས་སོར་འཁོད་ནས་མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་རོ་ལེནྜ་ཀོཆ་མཆོག་གི་ལྷན་དུ་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎