རྒྱལ་ཡུམ་ཆེན་མོའི་རྐང་རྩེད།
2008.10.07

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲ་གནས།
![]() |
གསར་འགྱུར་གསན། |
༄༅༎ཕྱི་ཟླ་བཅུ་པའི་ཚེས་དྲུག་རེས་གཟའ་ཟླ་བའི་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མི་གཞིས་སྒར་དུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་པོ་ལོའི་གསེར་གྱི་གཟེངས་རྟགས་འགྲན་བསྡུར་གྱི་རྒྱལ་ཁ་དེ་ཁལེ་མེན་ཋའོན་དོན་གྲུབ་གླིང་རྐང་རྩེད་རུ་ཁག་ལ་ཐོབ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་སུ་གནས་འདྲི་ཞུས་པར་གསན་རོགས་གནང༌༎