བལ་ཡུལ་ནང་པའི་ཚོགས་ཆེན།
2009.07.13

ཨེ་ཤེཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།
༄༅༎བལ་ཡུལ་རྒྱལ་ཡོངས་ནང་པའི་ཚོགས་ཆེན་སྐབས་གསུམ་པ་དེ་བལ་ཡུལ་རྒྱལ་ས་ཀཋ་མན་ཌུར་བསྐོང་ཚོགས་གནང་ཡོད་ཅིང་།ཐེངས་འདིའི་ཚོགས་ཆེན་ཐོག་བལ་ཡུལ་དགོན་སྡེ་ཁག་གིསློབ་གྲྭའི་ནང་བོད་ཡིག་ཀློག་དེབ་གཏན་འབེབས་བྱུང་བའི་སྐོར་དང་སའི་གོ་ལའི་སྲོག་ཆགས་སྲུང་སྐྱོབ་ལས་འགུལ་ངོ་སྤྲོད་གནང་བའི་སྐོར་ཨེ་ཤེཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎