བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་།
2009.01.22

བོད་ནས་བཏང་བའི་འདྲ་པར།
༄༅༎ཕྱི་ཟླ་བ་དང་པོའི་ཚེས་ཉེར་གཅིག་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་སྡུག་ཤོས་དེ་ཆགས་ཡོད་པའི་སྐོར་གྱི་བོད་ཡིག་དང་དབྱིན་ཡིག་ཐོག་གི་ལོ་འཁོར་སྙན་ཐོ་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎