མཇུག་སྡོམ་གསུང་བཤད།
2011.08.08

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཟླ་འདིའི་ཕྱི་ཚེས་བདུན་གྱི་ཉིན། བཙན་བྱོལ་ནང་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅུ་གསུམ་པའི་བཀའ་ཤག་གི་མཛད་སྒོའི་དུས་ཡུན་མ་རྫོགས་གོང༌། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་དང་བསྦྲགས་མཐའ་མའི་མཇུག་སྡོམ་གསུང་བཤད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབརྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་གསན་རོགས་ཞུ༎