ཕ་མ་གཉིས་རྒྱ་ནག་གིས་བཟུང་བ།
2008.09.23

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཐུབ་བསྟན་སངས་རྒྱས།
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱེན་ལངས་བྱུང་རྗེས་རྒྱ་ནག་དམག་མིས་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་ཁྲོད་ལོ་ན་བཅུ་གཉིས་ལོན་པའི་བུ་བསྟན་འཛིན་འཇིགས་མེད་ཀྱི་ཕ་མ་གཉིས་ཀྱང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་ཟླ་བ་གསུམ་ཙམ་གྱི་རིང་སྤུན་མཆེད་ཀྱི་ནང་བསྡད་རྗེས་བལ་ཡུལ་བོད་གཞུང་སྣེ་ལེན་ཁང་དུ་འབྱོར་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་བུ་བསྟན་འཛིན་འཇིགས་མེད་ལ་བཅའ་འདྲི་བྱས་པར་གསན་རོགས་གནང༌༎