༸གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་གནང་ཡོད་པ།
2010.06.18
༄༅༎ཕྱི་ཟླ་དྲུག་པའི་ཚེས་༡༨རེས་གཟའ་པ་སངས་ཀྱི་ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་ན་རི་ཏ་ རྒྱལ་སྤྱིའི་གནམ་ཐང་དུ་༧ཞབས་སོར་འཁོད་གནང་སྐབས། ལྷོ་ཤར་ཨི་ཤི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་དད་ལྡན་གནད་ཡོད་མི་སྣ་དང༌རྒྱ་གར་གཞུང་ཚབ་ཀྱི་འབྲེལ་མཐུད་འགན་འཛིན་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ཁྱོན་མི་གྲངས་ལྔ་ཅུ་ལྷག་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར། རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎