བོད་ནང་དུག་ལྷད་འོ་རྩམ།
2008.09.22

ཨེ་ཨེཕ་པི།
༄༅༎ཉིན་ཤས་ནས་བཟུང་རྒྱ་ནག་ནང་འོ་རྩམ་ཚོང་ལས་ཁེ་གཉེར་སན་ལུ་ཞེས་པས་འོ་རྩམ་ནང་དུག་རྫས་སྲེ་ལྷད་བྱས་པས་ཕྲུ་གུ་མང་པོ་འདས་གྲོངས་དང་དེ་བཞིན་ཕྲུ་གུ་སྟོང་ཕྲག་མང་པོར་ནད་ཀྱི་མནར་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་པ་ལྟར་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་མི་དམངས་སྨན་ཁང་དུ་ནད་མནར་བ་དང་རྟག་དཔྱད་བྱེད་པར་ཡོང་མཁན་མང་པོ་ཡོད་པའི་སྐོར་སྒྲོལ་དཀར་ལགས་ནས་སྨན་ཁང་གི་འབྲེལ་ཡོད་སྨན་པ་ཞིག་ལ་བཅའ་འདྲི་ཞུས་པར་གསན་རོགས་གནང༌༎