བོད་དོན་བགྲོ་གླེང་གནང༌།
2012.05.06

རྟ་མགྲིན་དབང་ཕྱུག
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་ཕྱི་ཟླ་༥ཚེས་༤རེས་པ་སངས་ཀྱི་ཉིན་ཝ་ཤིང་ཀྲོན་ཁུལ་ཨ་རིའི་གྲོས་ཚོགས་གོང་མའི་ Dirksen ཚོགས་ཁང་ནང༌།བོད་དེ་བཞིན་ཨེ་ཤེ་ཡ་དང་འཛམ་གླིང་སྤྱི་ཡོངས་ལ་གནད་འགག་ཆེན་པོ་ཇི་ཙམ་ཡིན་མིན་སྐོར་གྱི་བགྲོ་གླེང་ཞིག་གནང་ཡོད་པའི་སར།དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་བོད་དོན་སྐོར་གསུང་གླེང་གནང་ཡོད་པའི་སྐོར་ཆེད་གཉེར་གསར་འགོད་པ་རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎