ཨ་རིའི་གྲོས་ཚོགས་གོང་མའི་ནང་གསན་ཞིབ།

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་ཨ་རིའི་ཕྱི་སྲིད་བློན་ཆེན་གཞོན་པ་གསན་ཞིབ་ཐོག་འབོད་འགུགས་གནང་བ།

2008.04.24
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་ཐོག་གསན་ཞིབ།
ཨེ་ཨེཕ་པི།

༄༅༎ཕྱི་ཟླ་ ༤ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་གུང་ཨ་མེ་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ནས་ཉེ་ཆར་བོད་ནང་བོད་མིའི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་གནད་དོན་ཐོག་དམིགས་བསལ་གསན་ཞིབ་ཅིག་གནང་ཡོད་ཅིང༌། གསན་ཞིབ་ཀྱི་ཐོག་༧གོང་ས་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རིན་པོ་ཆེ་དང་། ཨ་རིའི་ཕྱི་སྲིད་བློན་ཆེན་གཞོན་པ་ཇོན་ནེག་རོ་པོན་ཊེ། ཧོ་ལི་ཝུཌ་ཡི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་བོད་དོན་རྒྱབ་སྐྱོར་བ་རི་ཆར྄་ཌ་གེར་སོགས་འབོད་འགུགས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ལགས་ནས་གནས་ཚུལ་ངོ་སྤྲོད་གནང་བ་ཞིག་གསན་རོགས་གནང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎