བོད་དོན་ཐོག་ཡོངས་ཁྱབ་སྤྱི་བསྒྲཊ།
2009.11.20

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་དང་བཅུ་དགུ་ཉིན་གྲངས་གཉིས་རིང་ཨི་ཊ་ལིའི་རྒྱལ་ས་རོམ་ནང་རྒྱལ་སྤྱིའོ་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ལྔ་པ་དེའི་ཚོགས་མགོན་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཡོད་པ་དང༌།དེ་བཞིན་བོད་གཞུང་བཀའ་བློན་ཁྲི་པ་མཆོག་དང༌།བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་གཙོས་སྤྱི་འཐུས་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད་པ་རེད།ཐེངས་འདིའི་ཚོགས་ཆེན་ཐོག་བོད་དོན་ཐོག་རོམ་གྱི་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་དོན་སྐོར་རིག་ལྡན་སྒྲོལ་མ་ལགས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎