གྲྭ་ངག་དབང་མཁྱེན་རབ།
2012.02.05

བོད་ནས་བཏང་འབྱོར།
༄༅༎ཕྱི་ལོ་༢༠༠༨ཟླ་༣ཚེས་༡༨ཉིན་ཨ་མདོ་ཅོ་ནེ་མཁར་ཆེན་དྲི་དྲི་དགོན་པའི་དགེ་འདུན་པ་ངག་དབང་མཁྱེན་རབ་གཙོས་པའི་དགེ་འདུན་པ་༡༦དང་གཞན་ཡང་མང་ཚོགས་༧༣༠ལྷག་བཅས་དགོན་པ་ཐོན་ཏེ་༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་པ་དང༌།བོད་མི་རིགས་ལ་རང་དབང་དགོས་པའི་ཞི་བའི་ངོ་རྒོལ་ཁྲོམ་སྐོར་སྤེལ་རྗེས།ཚེས་༢༠ཉིན་ཉེན་རྟོག་པས་གྲྭ་ངག་དབང་མཁྱེན་རབ་འཛིན་བཟུང་བྱས་ཏེ་ཅོ་ནེ་རྫོང་ཐོག་ནས་ལོ་ངོ་༡༣གྱི་བཙོན་ཁྲིམས་བཅད་ནས་ལན་ཀྲོའུ་བཙོན་ཁང་དུ་བསྐྱལ་ཡོད་པའི་གནས་ཚུལ་འདུག།