བོད་ནང་གི་ཆབ་སྲིད་བཙོན་པ།

ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་བོད་ནང་གི་གནས་སྟངས་ཐོག་ཉན་ཞིབ་བསྐོང་ཚོགས།

2012.03.21
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་བོད་ནང་གི་གནས་སྟངས་ཐོག་ཉན་ཞིབ་བསྐོང་ཚོགས།
ཡེ་ཤེས་བཀྲ་ཤིས།

༄༅༎ཕྱི་ཟླ་༣ཚེས་༢༠རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཉིན་གཉིས་རིང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་ཆེད་ཞུ་གཏུགས་ཀྱི་ལས་འགུལ་ཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང༌།ཚེས་༢༠ཉིན་གུང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་བོད་ནང་གི་གནས་སྟངས་དང་ལྷག་པར་དུ་ཆབ་སྲིད་བཙོན་པའི་དཀའ་སྡུག་ངོ་སྤྲོད་ཀྱི་ཉན་ཞིབ་བསྐོང་ཚོགས་གནང་ཡོད་པའི་ཐོག་ཨ་རིའི་Columbia Universityསློབ་དཔོན་Robby Barnettདང༌།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས།དེ་བཞིན་བོད་ནང་དངོས་འབྱུང་གློག་བརྙན་བཟོས་རྗེས་རྒྱ་ནག་གི་བཙོན་ཁང་ནང་ལོ་དྲུག་གི་བཙོན་ཁྲིམས་མྱོང་བཞིན་པ་དོན་གྲུབ་དབང་ཆེན་ལགས་ཀྱི་སྐུ་ཟླ་ལྷ་མོ་མཚོ་ལགས་ནས་ཞིབ་ཕྲའི་ངོ་སྤྲོད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཏོང་གསར་འགོད་པ་བློ་བཟང་ཡེ་ཤེས་ལགས་ནས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

Anonymous
Mar 21, 2012 05:34 AM

དྲ་ཚིག་འདི་ལ་དེ་རིང་གཞི་ནས་ཡོང་ཡིན། དངོས་གནས་ཡག་པོ་འདུག ཐུགས་རྗེ་ཆེ་ཞུ་བ་དང་མི་མཐུད་ནས་རང་ནུས་གང་ཡོད་ཀྱི་ཐོག་ནས་ཡར་རྒྱས་འབབ་རོགས། གོང་གི་གསར་འགྱུར་འདིའི་འབྲེལ་ཡོད་དག་ལ་ཐུགས་རྗེ་ཆེ་ཞུབ་བ་དང་ལྷ་མོ་མཚོར་དམིགས་གསལ་གྱི་མཚམས་འདྲི་ཡོད། དངོས་གནས་སྐད་ཆ་ཡག་པོ་བཤད་འདུག སླར་མཇལ་ལོ། ཁྱེད་ཅག་ཁ་དྲོ།

Anonymous
Mar 21, 2012 11:18 AM

བོད་དོན་ལ་སེམས་ཁུར་བྱེད་བཞིན་པའི་སྙིང་གསོན་པོ་ཞིག