མནར་གཅོད་ཀྱི་བརྙན་པར།
2009.03.26

བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁང༌།
༄༅༎ཉེ་ཆར་བསྟན་དར་གཙོས་པའི་བོད་ནང་གི་བོད་མིའི་ཐོག་རྒྱ་ནག་གཞུང་གི་དམག་མིས་དྲག་གནོན་ཚབས་ཆེ་བྱད་བཞིན་པའི་བརྙན་པར་ཁག་ཅིག་གསང་བའི་ཐོག་རྒྱ་གར་དུ་འབྱོར་བ་དེའི་ཆ་ཤས་ཤིག་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལས་ཁང་ནས་གནས་འཕྲིན་དྲ་བའི་ཐོག་འགྲེམས་སྤེལ་བྱས་ཡོད་པ་དང༌།ཡུ་ཊུབ་ཐོག་སྤེལ་བའི་བརྙན་པར་དེ་རྒྱ་ནག་གཞུང་གིས་བལྟ་ཐུབ་རྒྱུ་མེད་པ་བཟོས་དེ་ད་ཆ་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་བྱ་སྤྱོད་དེའི་ཐད་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་གཡུ་སྒྲོན་ལགས་ནས་རྒྱ་གར་བོད་ཀྱི་མཛའ་གྲོགས་ཚོགས་པའི་དྲུང་དང་བོད་དོན་དོན་གཉེར་བ་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་ཞུ༎