བོད་ཀྱི་མི་རབས་གསར་པ་ཞེས་པའི་མཐུན་ཚོཌ

སུད་སིར་རྟེན་གཞི་བྱས་པའི་ཚོགས་པས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཞུས་པའི་གནས་ཚུལ།

2012.01.12
སུད་སིར་རྟེན་གཞི་བྱས་པའི་ཚོགས་པས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཞུས་པའི་གནས་ཚུལ།
ཨེ་ཨཕ་པི།

ཁ་ཟ་ཚེས་༡༢ཉིན་ གནས་མཆོག་རྡེ་རྗེ་གདན་དུ་ བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ བོད་རིགས་སེར་སྐྱ་མི་མང་ལ་ མཐུན་སྒྲིལ་ནི་མ་འོངས་བོད་ཀྱི་སྲོག་རྩ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་དང་ མང་ཚོགས་ཀྱི་འོས་འགན་སྐོར་ལ་གསུང་་བཤད་གནང་ཡོད་པ་རེད་།།
ཁྲི་བཟུར་མཆོག་གིས་མང་ཚོགས་ལ་གཏམ་བཤད་དེ་བཞིན་ སུས་སིསི་རྟེན་གཞི་བྱས་པའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཞེས་པའི་གོ་སྒྲིགས་ཞུས་འདུག་པ་དང་ ཁྲི་ཟུར་མཆོག་གི་གཏམ་མ་གནང་གོང་ བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་དམིགས་ཡུལ་དང་ལས་འགན་ ཚོགས་པའི་གྲུབ་སྟངས་སོགས་ངོ་སྤྲོད་གནང་འདུག་ལ་་དེ་ཡང་ བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཞེས་པའི་ཚོགས་པ་འདི་སུས་སིར་གནས་བཞུགས་བོད་རིགས་གཞོན་སྐྱེས་རྒྱལ་ཞེན་ཅན་ཁག་ཅིག་གིས་ བོད་པའི་འདས་པའི་ཀྱག་ཀྱོག་གི་ལོ་རྒྱུས་དང་ ་ད་ལྟའི་ཛ་དྲག་གི་གནས་བབ་དང་ མ་འོངས་འཕེལ་ཕྱོགས་བཅས་ལ་ རྒྱང་གཟིགས་ཀྱིས་གསར་དུ་བཙུགས་པའི་ཚོགས་པ་ཞིག་ཡིན་པར་ངོ་སྤྲོད་གནང་བཞག་ ཚོགས་པ་འདིའི་དམིགས་ཡུལ་ཁོངས་སུ་ བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་རང་བཞིན་མི་མང་ལ་གོ་རྟོག་སྤེལ་རྒྱུ་དང་ ཆོལ་ཁ་ཆོས་ལུགས་བར་གྱི་གླེང་རྙོག་ལ་ཁ་གཏད་གཅོག་རྒྱུ་ དེ་བཞིན་སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་ལ་བདག་སྤྲོད་བྱ་རྒྱུ་ཡིན་པ་སོགས་ངོ་སྤྲོད་གནང་བཞག་ དེ་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ བོད་དོན་དང་འབྲེལ་བའི་གནད་དོན་ཇེ་མང་ཐོག་གཏམ་བཤད་གནང་བའི་ཁོངས་སུ་  བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་འགྱུར་བ་འགྲོ་སྟངས་སྐོར་གསུངས་དོན་དུ་  བོད་མི་རིགས་ཀྱི་ངོས་ནས་བལྟས་ན་ ང་ཚོའི་ཁྲིམས་མཐུན་གྱི་གཞུང་དེ་བཙན་བྱོལ་དུ་གནས་ཤིང་ བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་དབྱིན་ཡིག་ནང་Centre Tibet Administration of His Holiness The Dalai Lamaདང་། བོད་པ་ཚོས་བཙན་བྱོལ་བོད་གཞུང་ཞེས་འབོད་ཀྱི་ཡོད་ ༢༠༡༡ ལོར་ ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་ མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་རྩིས་སྤྲོད་གནང་སྐབས་ ༧གོང་ས་མཆོག་གི་མཚན་དེ་མཉམ་དུ་འཇོག་རྒྱུའི་གོ་སྐབས་རྫོགས་ཟིན་ཡང་ བོད་མིའི་སྒྲིག་འཛུགས་དེ་མུ་མཐུད་ བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཆེད་དུ་  དཀའ་ངལ་བར་ཆད་མེད་པར་གནས་དགོས་སྟབས་ དབྱིན་ཡིག་ནང་གི་༧གོང་ས་ཏཱ་ལའི་བླ་མ་ཞེས་པ་དེར་བསྒྱུར་བ་གཏོང་དགོས་བྱུང་སྐོར་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎