ཧེ་ཏེན་མགྲོན་ཁང་བརྡ་ཐོ།

ཧེ་ཏེན་སྤྱི་བདེ་མངག་གཏོང་ཁང་ནས་ས་གནས་མགྲོན་ཁང་དང་ཁྲུས་གསོལ་ཁང་ལ་ཛ་དྲག་གི་བརྡ་ཐོ་བཏང་བའི་ཡིག་ཆ།

2008.10.06
ཧེ་ཏེན་མགྲོན་ཁང་བརྡ་ཐོ། ཧེ་ཏེན་ས་ཁུལ་གྱི་མགྲོན་ཁང་ཞིག་གི་ནང་སྦྱར་ཡོད་པའི་ཛ་དྲག་གི་བརྡ་ཐོ།
རྒྱ་ནག་ནས་བཏང་འབྱོར་བྱུང་བ།

ཛ་དྲག་བརྡ་ཐོ།

ཐད་གཏོགས་ས་ཁུལ་སོ་སོའི་མགྲོན་ཁང་དང་ཁྲུས་གསོལ་ཁང་ལས་རིགས་ལ།

ཡན་ལག་ལས་ཁུངས་ཀྱི་བླང་བྱ་ལྟར་ད་ལྟ་ནས་བཟུང་ཧེ་ཏེན་ས་ཁུལ་གྱི་མགྲོན་ཁང་དང་ཁྲུས་གསོལ་ཁང་སོགས་ནང་ ༼བོད་༽་དང་ ༼ཡུ་གུར་༽མི་རིགས་ཞག་སྡོད་བྱེད་པའི་གནས་ཚུལ་བྱུང་ན་ཞིབ་བཤེར་བྱེད་རྒྱུ་དང་། གོང་བརྗོད་མི་སྣས་ཞག་སྡོད་ཐོ་འགོད་བྱེད་སྐབས་ལག་འཁྱེར་དཔང་ཡིག་ཐད་ཞིབ་བཤེར་ནན་མོ་བྱེད་པའི་དུས་མཚུགས་སུ་སྤྱི་བདེ་མངག་གཏོང་ཁང་ལ་སྙན་སེང་ཞུ་དགོས།

          གཞན་ཡང་། མགྲོན་ཁང་དང་ཁྲུས་གསོལ་ཁང་སོགས་སུ་འགྲུལ་པ་ཐོག་འགོད་དུས་སུ་ ༼མི་རིགས་༽རེའུ་མིག་ཐད་ངེས་པར་དུ་རྟོག་ཞིབ་དང་ཞིབ་ཚགས་འབྲི་དགོས།

བོད་དང་ཡུ་གུར་མི་རིགས་ཞག་སྡོད་སྣེ་ལེན་བྱས་ཡོད་ན་ལམ་སེང་སྤྱི་བདེ་མངག་གཏོང་ཁང་ལ་སྙན་སེང་ཞུ་དགོས།

འབྲེལ་གཏུགས་བྱེད་ས། ཉེན་རྟོག་པ་མཱ་ཧོ་དང་ལག་འཁྱེར་ཨང་གྲངས། ༡༣༨༠༡༠༩༣༩༡༦

ཧྭ་ཡོན་སྲང་ལམ་གྱི་སྤྱི་བདེ་མངག་གཏོང་ཁང་གི་ཁ་པར་ཨ་གྲངས། ༦༢༠༡༤༦༩༢ ༦༢༠༣༢༦༥༦

ཧྭ་ཡོན་སྲང་ལམ་གྱི་སྤྱི་བདེ་མངག་གཏོང་ཁང་ནས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎