ཞི་ཅིན་ཕིང་གི་ཡོ་རོབ་ཁུལ་གྱི་ཕྱོགས་བསྐྱོད།

2024.05.13
ཞི་ཅིན་ཕིང་གི་ཡོ་རོབ་ཁུལ་གྱི་ཕྱོགས་བསྐྱོད།
ཨེ་ཨེཕ་པི།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོ་རོབ་ནང་ལོ་ལྔའི་རྗེས་ཕྱོགས་བསྐྱོད་དང་པོའི་ཆེད་འབྱོར་སྐབས།  བོད་མི་དང་།  ཡུ་གུར། ཧོང་ཀོང་།  རྒྱ་མི་བཅས་ཀྱིས་ངོ་རྒོལ་བྱས་ཡོད་ཅིང་།  ཡོ་རོབ་ཀྱི་ཧྥ་རན་སི་དང་། སར་སྦི་ཡ། ཧང་གྷ་རི་བཅས་དང་མཉམ་དུ་ཚོང་དོན་གྱི་འབྲེལ་བ་དམ་དུ་གཏོང་རྒྱུའི་ཐབས་ཤེས་ཆེད་གྲོས་མོལ་གནང་ཡོད་པ་རེད།  ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  ཞི་ཅིན་ཕིང་གི་དམིགས་དོན་དང་ཐབས་བྱུས་ཇི་ཡིན་དང་ཕྱོགས་ཕན་ཚུན་གྱི་འབྲེལ་བའི་ཐད་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་དང་།  གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎