མཐའ་མཚམས་ས་ཁུལ་དུ་སྤྱི་སྤྱོད་སྐད་ཡིག་གཞི་རྒྱ་ཆེན་པོས་དར་སྤེལ་བྱེད་དགོས་བ་ཞི་ཅིན་ཕིན་གྱིས་གཏམ་བཤད་བྱས་འདུག

2024.12.18
མཐའ་མཚམས་ས་ཁུལ་དུ་སྤྱི་སྤྱོད་སྐད་ཡིག་གཞི་རྒྱ་ཆེན་པོས་དར་སྤེལ་བྱེད་དགོས་བ་ཞི་ཅིན་ཕིན་གྱིས་གཏམ་བཤད་བྱས་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་(Xi Jinping) ༡༠།༡༦།༢༠༢༤
REUTERS

སྤྱི་ཟླ་༡༢པའི་ཚེས་༠༩ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་སྡེ་ཚན་གྱི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཞེས་པར། ཞི་ཅིན་ཕིན་གྱིས་མཐའ་མཚམས་དམ་འཛིན་གྱི་ལས་དོན་མཐའ་དག་ལེགས་པོར་བསྒྲུབ་དགོས་པ་དང་། མཐའ་མཚམས་ས་ཁུལ་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱུས་སུ་གཏོང་དགོས་ལུགས། ལྷག་པར་དུ་མཐའ་མཚམས་ས་ཁུལ་དུ་སྤྱི་སྤྱོད་སྐད་ཡིག་གཞི་རྒྱ་ཆེན་པོས་དར་སྤེལ་གྱིས་བསླབ་གཞི་ཚང་མར་རྒྱལ་ཡོངས་ཀྱིས་སྤྱོད་བཞིན་པའི་བསླབ་དེབ་བེད་སྤྱོད་བྱེད་དགོས་ལུགས་བསྐྱར་དུ་ནན་བརྗོད་བྱས་ཡོད་པ་དེས། ཕྱི་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་གནང་མཁན་མང་བོ་ཞིག་གིས་རྒྱ་ནག་གིས་གྲངས་ཉུང་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ཀྱི་ཤུགས་ཆེ་རུ་གཏོང་བ་དང་། གྲངས་ཉུང་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་ཇེ་མགྱོགས་སུ་གཏོང་རྒྱུར་ངོས་འཛིན་བྱེད་ཀྱིན་ཡོད་ལ། གནས་ཚུལ་དེའི་སྐོར་ནས་ཡོ་རོབ་ཁུལ་གྱི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་སུ་བཅར་འདྲི་དང་གནས་ཚུལ་ཕྱོགས་སྒྲིག་བྱས་བ་ཀེ་ཐོ་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས་གནོངས།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎