སྲིད་འཛིན་ཞི་ཡི་སྣེ་ཁྲིད་འོག་བོད་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན།

2022.10.26
སྲིད་འཛིན་ཞི་ཡི་སྣེ་ཁྲིད་འོག་བོད་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན།
ཨེ་ཨེཕ་པི།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠པའི་བརྒྱུད་རིམ་དང་དེའི་རྗེས་འགོ་ཁྲིད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་བྱུང་རིམ་བཅས་ལ་བཙན་བྱོལ་ནང་བོད་དོན་འཐབ་རྩོད་པ་དང་རྒྱལ་སྤྱིའི་ཐོག་དབྱེ་ཞིབ་པ་ཚོས་དོ་སྣང་མི་ཉུང་བ་ཞིག་སྤྲོད་ཡོད་པ་རེད། སྤྱིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་འཛིན་གྱི་ལས་དུས་གསུམ་མུ་མཐུད་འཛིན་རྒྱུ་ཡིན་པའི་སྔོན་གྱི་ཚོད་དཔག་ལྟར་བྱུང་ཡོད་ན་ཡང་། ཁོང་གི་ཕྱོགས་གཏོགས་མི་སྣ་བཞི་བསྐོ་གཞག་བྱས་ནས་དབང་ཆ་གཅིག་བསྡུས་བྱེད་རྒྱུ་གནས་བབས་དེ་བཞིན་སུ་གང་གིས་ཀྱང་ཚོད་དཔག་གནང་མ་ཐུབ་པ་ཞིག་བྱུང་འདུག དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བོད་དོན་འཐབ་རྩོད་པ་དང་གནད་དོན་དབྱེ་ཞིབ་པ་ཁག་ཅིག་དང་ཉེ་བའི་རྒྱ་ནག་གི་ཆབ་སྲིད་དང་འགོ་ཁྲིད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ལ་གཞིགས་པས་བོད་དོན་ཐོག་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཇི་ལྟར་སླེབས་སྲིད་པའི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བློ་བཟང་ཚེ་བརྟན་ལགས་དང་། དབུས་བོད་ཀྱི་གཞོན་ནུ་ཚོགས་པའི་དྲུང་ཆེ་ཟུར་པ་དོན་འགྲུབ་ལྷ་དར་ལགས། ཝར་ཇི་ནི་ཡ་གཙུག་ལག་སློབ་ཆེན་ནང་ཕྱག་ལས་གནང་བཞིན་པ་དང་བོད་རྒྱ་སྐབས་དོན་དབྱེ་ཞིབ་པ་བསྟན་འཛིན་ཐོས་བསམ་རྣམ་པ་གསུམ་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པ་གསན་རོགས་གནང་།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎