དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འབེབས།
2021.11.12
རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཚོགས་པའི་ཉིན་བཞིའི་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚང་འཛོམས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འབེབས་བྱས་ཏེ། རྒྱ་ནག་གི་སྟོབས་ཤུགས་འདི་མ་འོངས་ལོ་བརྒྱའི་ནང་འཛམ་གླིང་ནང་རྒྱ་སྐྱེད་གཏོང་ཐབས་ཐད་ཐག་གཅོད་བྱུང་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་བོད་ནང་དུ་ཞི་ཅིན་ཕིང་གིས་དངོས་སུ་སྒྱུར་བཅོས་བྱ་རྩིས་ཡོད་ན་ནུས་པ་ལྡན་པའི་དུས་སྐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། ལས་འགུལ་བ་ཚོས་བོད་ནང་དྲག་གནོན་གྱི་གནས་བབ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཁར་རྩིས་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད། འདིའི་སྐོར་ང་ཚོའི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱོགས་སྒྲིག་གནང་བར་གསན་རོགས།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།