བོད་དང་ཧོང་ཀོང་གི་གནད་དོན་གཉིས་གཤིབས་བསྡུར་གྱིས་བགྲོ་གླེང་།
2019.06.21

༄༅༎དེ་རིང་གི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། བོད་དང་ཧོང་ཀོང་གི་གནད་དོན་གཉིས་གཤིབས་བསྡུར་གྱིས་བགྲོ་གླེང་བྱེད་རྒྱུ་ཡིན་ལ། གཙོ་བོ་བོད་ཀྱི་རང་སྐྱོང་དང་ཧོང་ཀོང་གི་རང་སྐྱོང་གཉིས་ལ་ཆ་འདྲ་ས་དང་མ་འདྲ་ས་ཅི་ཞིག་ཡོད་པ། ཧོང་ཀོང་བའི་ཞི་བའི་ངོ་རྒོལ་ལ་ཁྱད་ཆོས་ཅི་ཞིག་ཡོད་པ་དང། དེ་རིང་རྒྱ་ནག་གཞུང་གིས་ཧོང་ཀོང་བའི་རང་སྐྱོང་གི་ཐོབ་ཐང་རིམ་གྱིས་ནུས་མེད་དུ་གཏོང་སྟངས་དེ། དེ་སྔ་དུས་རབས་ཉི་ཤུའི་ལོ་རབས ༥༠འི་ནང་བོད་གཞུང་ལ་བཀོལ་བའི་ཐབས་ཇུས་གཉིས་ལ་ཁྱད་པར་ཡོད་མེད། དེ་མིན་བོད་ཀྱི་ཞི་བའི་གྲོས་མཐུན་ཟེར་བའི་གྲོས་ཆོད་ལ་མཇུག་འབྲས་ཅི་ཡོད་དེ་རིང་གི་བོད་ལ་ལྟོས། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་ལ་མཇུག་འབྲས་ཅི་ཡོད་ད་ལྟའི་ཧོང་ཀོང་ལ་ལྟོས་ཟེར་བའི་རྒྱལ་སྤྱིའི་སྤྱི་ཚོགས་དང་སྒོས་སུ་ཐེ་ཝན་པའི་སྣང་ཚུལ་ཐད་བོད་དོན་ཞིབ་འཇུག་པ་ལྷ་སྡེ་གནམ་ལོ་ལགས་ཀྱི་ལྷན་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས༎
གསར་འགོད་པ་སྟག་ལྷ་རྒྱལ།