ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་གང་དུ་བཞུགས་ཡོད་མེད་ཕྱི་བསྒྲགས་དགོས་པའི་འབོད་སྐུལ་གནང་བ།
2020.04.24

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་དང་བདེ་འཇགས་ཀྱི་གནས་སྟངས་ཐད་འཕྲལ་དུ་ཡོངས་ཁྱབ་ཕྱི་བསྒྲགས་བྱེད་དགོས་པའི་འབོད་སྐུལ་ཞུས་ཤིང་། བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་མཆོག་གིས་ཀྱང་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ད་ལྟའི་གནས་སྟངས་ཀྱི་དཔང་རྟགས་ཡིན་གཅིག་མིན་གཅིག་འདོན་སྤེལ་ཡོང་བའི་འབོད་སྐུལ་གནང་གི་ཡོད་པའི་སྐོར། བཀྲིས་དབང་ཕྱུག་ལགས་ཀྱིས་དམིགས་བསལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།