ལ་དྭགས་ཡུལ་མི་རྒན་གཞོན་བར་གསུམ་གྱིས་བོད་ཡིག་སྦྱོང་རྒྱུར་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ།
2024.02.17

ལ་དྭགས་ཡུལ་མི་རྒན་གཞོན་བར་གསུམ་གྱིས་བོད་ཡིག་སྦྱོང་རྒྱུར་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་ལྟར། ཉེ་ཆར་ལ་དྭགས་གླེ་གྲོང་འཁྱེར་ནང་ས་གནས་མི་མང་༣༠༠ཙམ་གྱིས་དང་བླང་གི་སྒོ་ནས་ཟླ་གཅིག་ལྷག་རིང་བོད་ཡིག་སློབ་ཁྲིད་ནང་མཉམ་ཞུགས་གནང་འདུག དེ་རིང་གི་གནས་འདྲིའི་ལེ་ཚན་ནང་བོད་ཡིག་སློབ་དགེ་རྡོ་རྗེ་རྣམ་རྒྱལ་ལགས་སུ་བོད་ཡིག་འཛིན་གྲྭའི་བྱེད་སྒོ་དང་དམིགས་ཡུལ་སྐོར་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག