༧གོང་ས་མཆོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་དབུ་འབྱེད།
2017.08.15

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། རྟ་མགྲིན་དབང་ཕྱུག།
༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། ཟླ་འདིའི་ཕྱི་ཚེས་༡༤ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཊ་ཊ་ཚན་རིག་དང་སྤྱི་ཚོགས་ཚན་རིག་ཤེས་ཡོན་ལྟེ་གནས་ཁང་གིས་ཆོས་ལུགས་ལ་མ་བརྟེན་པའི་ཡ་རབས་བཟང་སྤྱོད་ཀྱི་སློབ་ཚན་གསར་པ་དེ་གཏན་འབེབས་དབུ་འབྱེད་གནང་ཡོད་པའི་སྐོར། ཝྰ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་ལྷན་དུ། འདི་གའི་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།