༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་མི་རིགས་ཀྱིས་བཀའ་དྲིན་རྗེས་དྲན་ཞུས་པ།

༄༅།།གདན་ས་ཆེན་པོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མངའ་རིས་ཁང་ཚན་གྱིས་གོ་སྒྲིག་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་དང་མཚན་ཕུད་དམ་བཅའ་འཇོག་གནང་མཛད་པ་བཅས་ཀྱི་དུས་སྐབས་དང་བསྟུན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མི་མང་ལ་བཀའ་དྲིན་ཆེ་བའི་མཛད་པ་བསྐྱངས་དང་སྐྱོང་བཞིན་པ་དང་། དེའི་གྲུབ་འབྲས། ལྷག་པར་བོད་ཀྱི་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་ལ་དྭགས་མི་མང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཐོག་ལ་ཤར་སྐྱོད་ཇི་ལྟར་གནང་ཡོད་མེད་བཅས་ཀྱི་ཐད། ལ་དྭགས་ནང་པའི་རིག་གནས་སློབ་གཉེར་མཐོ་སློབ་ཀྱི་སློབ་དཔོན་མཁས་དབང་ལོ་ཙཱ་བ་རིག་མཚོ་འཇམས་དབྱངས་རྒྱལ་མཚན་ལགས་དང་། སྒོ་མང་མངའ་རིས་ཁང་ཚན་གྱི་རིག་གཞུང་འགན་འཛིན་གཞོན་པ་ཚུལ་ཁྲིམས་བཟང་པོ་ལགས། ལ་དྭགས་མི་མང་སློབ་གྲྭའི་འཛིན་རིམ་དགུ་པའི་སློབ་མ་བསྟན་འཛིན་རྣལ་འབྱོར་ལགས་བཅས་གདན་ཞུས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་གིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག