ཕྱི་ལོ་༡༩༡༩ཟླ་༥ཚེས་༤འི་ལས་འགུལ་གྱི་དམིགས་ཡུལ་མ་གྲུབ་པ།


2020.05.04
ཕྱི་ལོ་༡༩༡༩ཟླ་༥ཚེས་༤འི་ལས་འགུལ་གྱི་དམིགས་ཡུལ་མ་གྲུབ་པ། རྒྱ་ནག་མི་མང་གིས་ཕྱི་ལོ་༡༩༡༩ཟླ་བ་ལྔ་པའི་ཚེས་བཞི་ཉིན་དམངས་གཙོའི་མངོན་འདོད་བཅངས་ཏེ་ལྔ་བཞིའི་ལས་འགུལ་ཞེས་པ་སྤེལ་བའི་དམིགས་ཡུལ་མ་འགྲུབ་པར་ད་དུང་ལོ་ངོ་བརྒྱ་ཕྲག་གཅིག་རིང་འཇོག་མིན་རྒྱ་ནག་མི་མང་ལ་རག་ལུས་པ་རེད་ཅེས་དྲ་རྒྱ་བརྒྱུད་བགྲོ་གླེང་ལྷན་ཚོགས་སུ་གསུངས་པ།
ཨེ་ཨེཕ་པི།

༄༅།།ཨ་རིའི་སྲིད་འཛིན་སྐུ་ཞབས་Donald Trumpམཆོག་གི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་སྐུ་ཞབས་Matthew Pottingerལགས་ཀྱིས་རྒྱ་ནག་མི་མང་གིས་ཕྱི་ལོ་༡༩༡༩ཟླ་བ་ ༥ ཚེས་ ༥ ཉིན་དམངས་གཙོའི་མངོན་འདོད་བཅངས་ཏེ་ལྔ་བཞིའི་ལས་འགུལ་ཞེས་པ་སྤེལ་བའི་དམིགས་ཡུལ་གྲུབ་མེད་པ་དང་། ད་དུང་ཡང་དམིགས་ཡུལ་དེ་མ་འགྲུབ་པར་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་འགོར་མིན་ནི་རྒྱ་ནག་མི་དམངས་ལ་རག་ལུས་པ་ཡིན་པ་ཨ་རིའི་ཝིར་ཇི་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོས་གོ་སྒྲིག་ཞུས་པའི་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་གནས་བབས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་གི་སྐབས་གསུངས་ཡོད་པ་རེད།
གཞན་ཡང་བགྲོ་གླེང་ནང་མཉམ་ཤུགས་གནང་མཁན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཟུར་པ་སྐུ་ཞབས་James Steinbergལགས་ཀྱིས་འདས་པའི་བདུན་ཕྲག་འགའ་ཤས་ནང་རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཞིབ་དཔྱོད་བྱེད་དགོས་པའི་སྐུལ་མ་བྱེད་མཁན་རྒྱལ་ཁབ་ཁག་ཅིག་ལ་རྒྱ་གཞུང་གིས་དབང་ཤུགས་བརྒྱུད་འཇིགས་སྐུལ་བྱེད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་དེ་ཚོ་ནི་ཧ་ཅང་བློ་འཚབ་རང་བཞིན་ཞིག་ཡིན་པ་གསུངས་ཡོད། གནས་ཚུལ་རྒྱས་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་སྙན་སྒྲོན་གནང་གི་རེད།

གསར་འགོད་པ་བསྟན་འཛིན་བདེ་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎