བོད་རང་སྐྱོང་ལྗོངས་ཀྱི་དེ་སྔའི་འགོ་ཁྲིད་གཞོན་པ་ཀྲང་ཡུང་རྩ་ཡི་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་བ།
ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། ཉེ་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དེ་སྔའི་འགོ་ཁྲིད་གཞོན་པ་ཀྲང་ཡུང་རྩ་ཡིས་ཆབ་སྲིད་སྐྱོང་བའི་ལྟ་བ་ཚབས་ཆེན་ཁྱོག་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་བའི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ཇི་མ་ཇི་བཞིན་དུ་མ་བྱས་པ། རྨོངས་དད་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་སོགས་ཆབ་སྲིད་དང་། ལྐོག་ཟ་། ཁྲིམས་འགལ་སོགས་ཀྱི་ནག་ཉེས་རྣམ་གྲངས་མང་པོ་ཞིག་བཙུགས་ཏེ་དམར་ཤོག་ཚོགས་པ་དང་ལས་གནས་ནས་ཕྱིར་འབུད་བཏང་བ་དེ་ནི་བོད་རང་སྐྱོང་ལྗོངས་ནས་རྒྱ་རིགས་གོ་གནས་མཐོ་ཤོས་ཤིག་མེད་པ་བཟོས་པ་ཞིག་དང་དོན་རྐྱེན་དེའི་རྒྱབ་ལྗོངས་ཀྱི་སྲིད་ཇུས་ནི་ཕྱི་ཚུལ་དུ་ལྐོག་ཟ་རུལ་སུང་ཙམ་ལས་དོན་དུ་ནང་ཁུལ་གྱི་ཆབ་སྲིད་ཀྱི་འགལ་ཟླ་ཞིག་ཏུ་ཐུག་གི་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།