ཞི་ཅིན་ཕིང་དང་ཁོང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་ཉམས་ཞིབ་པས་ངོ་སྤྲོད་གནང་བ།
རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༢༠པ་དེ་རིང་མིན་སྤྱི་ཟླ་༡༠པའི་ཚེས་༡༦ཉིན་རྒྱ་ནག་པེ་ཅིང་དུ་ཚོགས་གཏན་འཁེལ་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་ཕིང་སླར་ཡང་རྒྱ་ནག་གི་སྲིད་འཛིན་དུ་མུ་མཐུད་ནས་སྡོད་ཐབས་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་ལྟར། དེ་རིང་ང་ཚོའི་ཁ་བའི་གྲོས་རྭའི་ལེ་ཚན་ནང་། ཞི་ཅིན་ཕིང་གིས་སྐབས་གཉིས་རིང་རྒྱ་ནག་གི་སྲིད་འཛིན་གྱི་ལས་ཁུར་བྱས་པའི་རིང་། བོད་ཐོག་ལ་ཕྱོགས་གང་ས་ནས་དྲག་གནོན་གྱི་སྲིད་འཛིན་སྤེལ་བཞིན་པ་དེས་བོད་ཐད་ལ་ཤུགས་རྐྱེན་གང་དང་ག་རེ་ཐེབས་ཡོད་དམ། རིང་མིན་ཁོང་དང་ཁོང་ཐེ་བའི་ཆབ་སྲིད་རྒྱུན་ལས་མི་སུ་འདྲ་སླེབས་སྲིད་པ་དེས་བོད་དང་འབྲེལ་བའི་གནད་དོན་ལ་ཤུགས་རྐྱེན་མུ་མཐུད་གང་འདྲ་སླེབས་སྲིད་མིན་སོགས་ཀྱི་སྐོར། སུད་སི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ། བོད་རྒྱ་གཉིས་ཀྱི་གནས་ཚུལ་ཉམས་ཞིབ་པ་བློ་བཟང་ཉི་མ་ལགས་དང།
བོད་དང་རྒྱ་ནག་ཨ་རི་སོགས་ནས་སློབ་སྤྱོང་གནང་མྱོང་མཁན། ལོ་རྒྱུས་ཉམས་ཞིབ་པ་ ཕོགས་རུ་ ཕུན་ཚོགས་ལྷུན་གྲུབ་ལགས་རྣམ་གཉིས་དང་ལྷན་དུ་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། ཆོས་སྐྱིད།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག