རྒྱ་ནག་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཏིང་ཞའོ་ཕིང་་ལ་རྒྱུན་ལྡན་མ་ཡིན་པའི་དྲན་གསོའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ།

2024.08.23
རྒྱ་ནག་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཏིང་ཞའོ་ཕིང་་ལ་རྒྱུན་ལྡན་མ་ཡིན་པའི་དྲན་གསོའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ།
AP

རྒྱ་ནག་གི་འགོ་ཁྲིད་འདས་པོ་ཏིང་ཞའོ་ཕིང་སྐྱེས་ནས་ལོ་ངོ་༡༢༠འཁོར་བའི་དུས་ཚིག་དང་བསྟུན་ནས་རྒྱ་ནག་གཞུང་གིས་བསྒྲགས་གཏམ་གསར་སྤེལ་དང་དེ་བཞིན་བགྲོ་གླེང་སོགས་ཀྱི་རྣམ་པ་འདྲ་མིན་ཐོག་ནས་དྲན་གསོ་བྱས་ཡོད་པ་དང་། ཡིན་ནའི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་བྱེད་མཁན་མི་ཉུང་བ་ཞིག་གིས་དེ་ནི་རྒྱ་ནག་གཞུང་ཕྱོགས་ནས་གཡོན་ཕྱོགས་སུ་བསྐྱོད་རྒྱུའི་ཆབ་སྲིད་ཀྱི་མཚོན་རྟགས་ཤིག་ཡིན་པར་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད་། ཕྱི་ཟླ་བརྒྱད་པའི་ཚེས་༢༢ ཉིན་མོ་དེ་ནི་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིང་་སྐྱེས་ནས་ལོ་ངོ་༡༢༠འཁོར་བའི་དུས་ཚིག་ཉིན་མི་ཞིག་ཡིན་པ་དང་། དེའི་ཉིན་རྒྱ་ནག་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་གྱི་དྲ་རྒྱ་མང་པོའི་ཐོག་ཏིང་ཞའོ་ཕིང་་ལ་དྲན་གསོའི་ལས་འགུལ་སྣ་ཚོགས་ཀྱི་བརྙན་འཕྲིན་འགྲེམས་སྤེལ་བྱས་ཡོད་པ་དང་། དེ་ཚོའི་ནང་ཏིང་ཞའོ་ཕིང་་གིས་སྲིད་དབང་བཟུང་བའི་རྗེས་རྒྱ་ནག་ནང་སློབ་གྲྭ་ཆེན་མོའི་ཡིག་རྒྱུག་འགོ་བཙུགས་བྱས་ནས་རྒྱ་ནག་ནང་གི་གཞོན་སྐྱེས་ཁྲི་སྟོང་མང་པོར་མདུན་ལམ་བསྐྲུན་ཡོད་པ་དང་།

ཏིང་ཞའོ་ཕིང་་གི་འགོ་ཁྲིད་འོག་རྒྱ་ནག་ནང་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་བྱུས་དང་། དེ་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཀྱི་བསམ་བློ་སོགས་ཏེང་ཞའོ་ཕིང་གི་བྱས་རྗེས་ལ་བསྒྲགས་ཡོད་པ་རེད་། དེའི་ཐད་པེ་ཅིན་དུ་ཡོད་པའི་གསར་འགྱུར་ལས་རིགས་མི་སྣ་ཀའོ་དབྱུས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ད་ལོ་ནི་ཏིང་ཞའོ་ཕིང་་སྐྱེས་ནས་ལོ་ངོ་༡༢༠འཁོར་བའི་དུས་ཚིགས་ཡིན་པ་དང་རྒྱ་ནག་དམར་ཤོག་གཞུང་གིས་གཏན་འབེབས་བཞིན་དྲན་གསོ་བྱེད་རྒྱུ་དེ་ནི་རྒྱུན་ལྡན་ཞིག་ཡིན་ཞིང་། ཡིན་ནའི་ད་ཐེངས་ཏིང་ཞའོ་ཕིང་ལ་འདས་པའི་ལོ་ངོ་བཅུའི་ནང་མཐོང་མ་མྱོང་བའི་བསྔགས་བརྗོད་བྱད་པ་དེ་ནི་རྒྱུན་ལྡན་ཞིག་མིན་པའི་སྐོར་འགྲེལ་བརྗོད་གནང་འདུག་ལ་། རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཡལ་ཕུའུ་ཞུ་བས་ཀྱང་འདས་པའི་ལོ་ངོ་བཅུའི་ནང་རྒྱ་ནག་གཞུང་ཕྱོགས་ནས་བསྒྱུར་བཅོས་སྒོ་འབྱེད་ཟེར་བ་གསལ་སྟོན་བྱས་པ་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་མ་འོངས་བར་ཏིང་ཞའོ་ཕིང་གི་ལམ་ཕྱོགས་བཞིན་བསྒྱུར་བཅོས་སྒོ་འབྱེད་ཀྱི་་སྲིད་བྱུས་བསྐྱར་ལོག་བྱེད་རྒྱུ་རྩ་བའི་ཆ་ནས་ཡོང་མི་སྲིད་པ་ཞིག་རེད་ཞེས་འགྲེལ་བརྗོད་གནང་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎