ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གིས་བཟོས་པའི་Wi-Fi Routerའམ་ཨིན་ཌར་དྲ་རྒྱ་འཐེན་ཤུགས་འཁྲུལ་ཆས་ལ་བདེ་འཇགས་ཀྱི་ཐུགས་ཁྲལ་གནང་ནས་ཞིབ་བཤེར་བྱ་དགོས་པའི་སྐོར།
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གིས་བཟོས་པའི་Wi-Fi Router འམ་ཨིན་ཌར་དྲ་རྒྱ་འཐེན་ཤུགས་འཁྲུལ་ཆས་ལ་ བདེ་འཇགས་ཀྱི་ཐུགས་ཁྲལ་གནང་ནས་ཞིབ་བཤེར་བྱ་དགོས་པའི་དགོས་འདུན་བཏོན་བཞག
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོ་John Moolenaar ལགས་དང་ ཚོགས་མི་ Raja Krishnamoorthi ལགས་ཀྱིས་ ཨ་རིའི་ཚོང་འབྲེལ་ལྷན་ཁང་ལ་ རྒྱ་ ནག་གིས་བཟོས་པའི་ Wi-Fi Routerའཁྲུལ་ཆས་ཨ་རིའི་ནང་ཚོང་འགྲེམས་ བྱ་རྒྱུ་དེས་ ཨ་རིའི་གསང་བའི་གནས་ཚུལ་དང་ གནས་བསྡུས་རེའུ་མིག་སོགས་ རྐུ་འཁྱེར་བྱེད་པའི་བདེ་སྲུང་ཀྱི་ཉེན་ཁ་ཡོད་མེད་ཞིབ་འཇུག་གནང་དགོས་པ་ གསུངས་བཞག རྒྱ་ནག་གི་Wi-Fi འཁྲུལ་ཆས་དེ་བཞིན་TP Link ཞེས་པའི་རྒྱ་ ནག་གི་འཁྲུལ་རིགས་བཟོ་ལས་ཁང་གིས་བཟོ་ཡི་ཡོད་པ་དང་། དེ་ནི་ཨ་རི་ཐེ་ ་བའི་རྒྱལ་སྤྱིའི་ནང་Wi-Fi Routerའཁྲུལ་ཆས་ཚོང་འགྲེམས་བྱ་མཁན་མཁེ་ གཉེར་ལས་ཁང་ཆེ་ཤོས་དེ་ཡིན་པ་རེད། བཟོ་ལས་མཁེ་གཉེར་ལས་ཁང་དེ་ དང་ རྒྱ་ནག་གཞུང་དབར་འབྲེལ་བ་ཡོད་པ་དང་། ལས་ཁང་དེས་རྒྱ་ནག་རྒྱལ་ནང་ གི་ཉེན་སྲུང་ཁྲིམས་གཞི་ལྟར་ལས་ཀ་བྱ་དགོས་པར་སོང་ རྒྱ་ནག་གཞུང་གི་ བཀོད་ཇུས་འོག་ཨ་རིའི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱ་སྲིད་པའི་བློ་འཚབ་ ཡོད་པ་གསུངས་བཞག
གོང་ཞུས་ཨ་རིའི་གྲོས་ཚོགས་མའི་འཐུས་མི་གཉིས་ནས་ཨ་རིིའི་ཚོང་འབྲེལ་ལྷན་ ཁང་གི་དྲུང་ཆེ་ཆེན་མོ་ Raimondoལགས་སུ་ཕྱག་བྲིས་ཤིག་ཕུལ་བའི་ནང་ TP-Link བཟོ་ལས་ཁང་ནི་ རྒྱ་ནག་གི་ དམག་དཔུང་ལྟ་བུར་བེད་སྤྱོད་བྱ་ སྲིད་པ་དང་། རྒྱ་ནག་གི་བཟོ་ལས་ཁང་དེའི་ འཁྲུལ་ཆས་ཀྱི་ཡོ་རོབ་ནང་ དུའང་གཞུང་གི་དཔོན་རིགས་ལ་འབེན་འཛུགས་བྱས་ནས་གནས་ཚུལ་ རྐུ་འཁྱེར་བྱ་ཐབས་བྱས་ཡོད་སྟབས་ འདི་ཐད་ཞིབ་འཇུག་ནན་པོ་གནང་ དགོས་པ་རེད་ཅེས་གསུངས་བཞག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།