རྒྱ་གཞུང་གིས་གསར་འགོད་པའི་ཐོག་དམ་དྲག་བྱེད་བཞིན་པར་ཨ་རིའི་རང་དབང་ཁང་པས་སྐྱོན་བརྗོད་བྱེད་ཡོད་པ།
2021.03.03

རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་ས་ཁུལ་ནས་གསར་འགོད་པ་ཚོས་རང་ཉིད་སྒེར་གྱི་སྤྱི་ཚོགས་དྲ་ལམ་གྱི་ངོ་བྱང་ཐོག་གནས་ཚུལ་ཕྱི་བསྒྲགས་བྱེད་མཁན་རིགས་ལ་དམ་དྲག་བྱེད་འགོ་བཙུགས་པ་དང་། གནས་ཚུལ་འདི་རིགས་རྩད་གཅོད་ར་སྤྲོད་བྱུང་ན། ལོ་རེའི་བསྐྱར་ཞིབ་སྐབས་གསར་འགོད་ལས་རིགས་ཀྱི་ངོ་སྤྲོད་བྱང་བུ་དུས་འགྱངས་བྱེད་རྒྱུར་བཀག་འགོག་བྱེད་རྒྱུའི་ཐག་གཅོད་བྱས་ཏེ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཐེར་འདོན་འགོག་ཐབས་བྱེད་བཞིན་ཡོད་པ་ཨ་རིའི་རང་དབང་ཁང་པའི་འབྲེལ་ཡོད་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་ལ། ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གིས་དྲ་རྒྱའི་ཐོག་འཇབ་རྒོལ་བྱས་ཏེ་ལྟ་ཞིབ་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་ཡོད་པ་རེད། ཞིབ་ཕྲ་འདི་གའི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།