རྒྱ་ནག་གཞུང་གིས་བོད་འདི་རྒྱ་ཡུལ་བསྒྱུར་བའི་སྲིད་བྱུས་རྒྱུན་མཐུད་ལག་བསྟར་བྱས་པ།
2020.12.17
བོད་དང་རྒྱལ་སྤྱིའི་གནས་བབ་ཀྱི་ལེ་ཚན་ནང་། ༢༠༢༠ ལོ་འདི་རྒྱ་ནག་གཞུང་གིས་བོད་འདི་རྒྱ་ཡུལ་བསྒྱུར་བའི་སྲིད་བྱུས་རྒྱུན་མཐུད་ལག་བསྟར་བྱས་པ་དང་ལྷག་པར་བོད་ཀྱི་བཞུགས་མོལ་ལས་དོན་ཚོགས་འདུ་ཐེངས་ ༧ པའི་ཐོག་བསྒྲགས་པའི་ཞི་ཅིན་ཕིང་གི་སྲིད་བྱུས་ཏེ་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་གཏོང་བའི་བྱ་ཐབས་རྒྱུན་འཁྱོངས་སྤེལ་ཐབས་བྱེད་བཞིན་ཡོད་པས། འདི་ཐད་བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།