རྒྱབ་ཤ་དཀར་པོའི་དེབ།
2013.11.15

དབུས་བོད་མིའི་སྒྲིག་འཛུགས།
༄༅། །ཐེངས་འདིའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁ་བའི་གྲོས་ར་ཞེས་པའི་ལེ་ཚན་ནང་། ཕྱི་ལོ་༢༠༡༣ ཟླ་༡༠ ཚེས་༢༢ཉིན་རྒྱ་ནག་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་སྤེལ་བྱེད་པའི་(བོད་ལྗོངས་ཀྱི་འཕེལ་རྒྱས་དང་མདུན་སྐྱོད་)ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་ཐེངས་༡༠དེ་བསྟོན་ཡོད་པ་རེད། དེབ་ཐེངས་༡༠དེའི་ནང་ལ་གཙོ་བོ་དོན་ཚན་༦འཁོད་ཡོད་པ་རེད། དོན་ཚན་༦པོ་དེའི་ནང་ལ་གཙོ་བོ་གང་འཁོད་ཡོད་མེད་དང་དེབ་དེ་འདྲ་ཞིག་བསྟོན་དགོས་པའི་རྒྱུ་ཚན་དང་དམིགས་ཡུལ། རྒྱབ་ལྗོངས་ཇི་ཡིན་མེད་སོགས་ཀྱི་སྐོར་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ཡུ་རོབ་ཁུལ་གྱི་བོད་རྒྱལ་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁམས་སྐད་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་བཅས་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།