རྒྱ་ནག་ཕྱི་ནང་གཉིས་སུ་སྐད་འཕྲིན་གྱི་མཉེན་ཆས་མི་འདྲ་བ་གཉིས་བཟོས་པ།
2021.09.11
རྒྱ་ནག་ཐིན་ཞོན་དྲ་རྒྱའི་ཁེ་གཉེར་ཁང་གི་ཁོངས་གཏོགས་ཡིན་པའི་སྐད་འཕྲིན་སྤྱི་གཉེར་ཁང་གིས་རྒྱ་ནག་ཕྱི་ནང་གཉིས་སུ་སྐད་འཕྲིན་གྱི་མཉེན་ཆས་རིགས་མི་འདྲ་བ་གཉིས་བཟོས་ནས་དེ་གཉིས་ཀྱི་བར་ལ་གནས་ཚུལ་སྤེལ་རེས་བྱེད་མི་ཐུབ་པ་བཟོ་སྲིད་པའི་གནས་ཚུལ་ཐོན་འདུག་པ་དང་། འདིའི་ཐད་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བསྟན་འཛིན་ཆོས་སྒྲོན་ལགས་ལ་བཀའ་འདྲི་ཞུས་པར། ཁོང་གིས་གལ་ཏེ་མ་འོངས་བར་འགྱུར་བ་དེ་འདྲ་ཞིག་བྱུང་ཚེ། འདིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བར་འབྲེལ་བ་བྱེད་རྒྱུ་དང་ལྷག་པར་ཕྱི་ཕྱོགས་ནས་བོད་ནང་གི་གནས་ཚུལ་རྒྱུས་ལོན་བྱེད་རྒྱུར་དཀའ་ངལ་འཕྲད་ངེས་པ་སོགས་ཀྱི་དཔྱད་བརྗོད་གནང་ཡོད་པའི་སྐོར།བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།