རྒྱ་ནག་གིས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་བཏང་སྟེ་ལོ༦༡འཁོར་བའི་ཉིན་མོ་ཞེས་དྲན་གསོ་བྱེད་པའི་ཐད་དཔྱད་ཞིབ།
2020.03.31

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་བོད་དུ་ “ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་”བཏང་སྟེ་ལོ་ ༦༡ འཁོར་བའི་ཉིན་མོར་དྲན་གསོ་བྱེད་པ་ལྟར། འདིའི་ཐད་བོད་ནང་སྐྱེས་ཚར་བྱུང་བ་ད་ལྟ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པ་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་བསོད་ནམས་རྒྱལ་མཚན་ལགས་དང་། བོད་ནང་སྐྱེས་ཚར་གྱི་ལྷ་སར་སྔ་མོའི་བོད་གཞུང་གིས་གཞུང་འཛིན་ལམ་ལུགས་དང་། ད་ལྟ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་གིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།