བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དམིགས་བསལ་བཀའ་སློབ་ཕེབས་པ།


2016.09.04
བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དམིགས་བསལ་བཀའ་སློབ་ཕེབས་པ། ༸གོང་ས་མཆོག་གིས་མ་འོངས་བོད་ཀྱི་འཐབ་རྩོད་ཀྱི་འགན་དེ་ན་གཞོན་རྣམས་ལ་ཡོད་པའི་བཀའ་སློབ་ཕེབས་བའི་གནས་ཚུལ།
བོད་ཀྱི་གཞོན་ནུ་ལྷན་ཚོགས།

༄༅།།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་་༡༦་པའི་ཚོགས་བཅར་རྣམས་ལ་ཕྱི་ཚེས་༤་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ན་གཞོན་རྣམས་མ་འོངས་བོད་ཀྱི་འཐབ་རྩོད་ཀྱི་འགན་དེ་ན་གཞོན་རྣམས་ལ་ཡོད་པའི་ཆ་ནས་ཐུགས་འགན་ཧུར་ཐག་འཁྱེར་དགོས་པའི་བཀའ་སློབ་ཕེབས་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག ང་ཚོའི་གསར་འགོད་པ་དབུ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་དོན་ལྟར་ན་ ཕྱི་ཟླ་དགུ་པའི་ཚེས་་༤་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༦་བའི་ཚོགས་བཅར་བ་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གྱི་མཇལ་ཁ་གནང་ཡོད་ཅིང་ལྷག་དོན་དུ་༸གོང་ས་མཆོག་གིས་བོད་ཀྱི་འཐབ་རྩོད་ཀྱི་ཐུགས་འགན་དེ་བོད་ཀྱི་གཞོན་ནུ་རྣམས་ལ་ཡོད་པའི་ཆ་ནས་ཧུར་ཐག་གནང་དགོས་པའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཐེངས་༡༦་པའི་ནང་གཞོན་ནུ་སྒྲིགས་འཛུགས་ཀྱི་སྒྲིགས་གཞིའི་ནང་དོན་ཐོག་འགྱུར་བཅོས་དང་ལྷག་དོན་དུ་རང་བཙན་གྱི་ལྟ་བསྒྲུབ་ཀྱི་དམིགས་ཡུལ་སྐོར་བགྲོ་གླེང་ལྷུགས་པོ་གནང་བའི་མཐར་རང་བཙན་གཙང་བའི་དམིགས་ཡུལ་རང་སོར་གནས་པའི་ཐོག་ནས་བོད་ཀྱི་རང་བཙན་གྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་ཆོད་རིམ་པ་བྱུང་ཡོད་པ་རེད་འདུག དེ་བཞིན་དབུས་རྒྱུན་ལས་ཀྱི་ཚོགས་མི་གསར་པ་འོས་འདེམས་གནང་བའི་གྲུབ་འབྲས་སུ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཚོགས་གཙོ་དང་བསྟན་འཛིན་སྲིད་གཅོད་ལགས་ཚོགས་གཞོན།བཀྲིས་ལམ་བཟང་ལགས་དྲུང་ཆེར་བསྐྱར་དུ་བདམས་ཐོན་བྱུང་ནས ཉིན་ལྔའི་ཚོགས་ཆེན་དེ་མཇུག་བསྒྲིལ་གནང་འདུག།
གསར་འགོད་པ་ཀརྨ་རྡོ་རྗེ་དང་ཨོ་རྒྱན་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎