རང་བཙན་སྐོར་སྐྱོད་ཀྱི་རྩེད་འགྲན།
2014.09.14

ཅེ་ནའེ་བོད་པའི་སློབ་ཕྲུག་གི་དྲ་གནས།
༄༅༎ཕྱི་ཟླ་༩ཚེས་༡༠ནས་༡༣བར་ཉིན་གྲངས་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་ཊ་མིལ་ན་ཌུའི་རྒྱལ་ས་ཅེ་ནའེ་གྲོང་ཁྱེར་ནང་གི་མཐོ་སློབ་བོད་རིགས་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་མཐོ་སློབ་ཁག་ནང་གི་བོད་པའི་སློབ་ཕྲུག་དབར་མཐུན་སྒྲིལ་དང་བོད་པའི་ངོ་བོ་མི་ཉམ་རྒྱུན་འཛིན་ཆེད་རྒྱ་གར་གྱི་མཐོ་སློབ་ཁག་གི་བོད་པའི་སློབ་ཕྲུག་དབར་རྩེད་མོ་དང༌།བགྲོ་གླེང་།གཞས་སྣ་འཁྲབ་སྟོན་གྱི་འགྲན་བསྡུར་ཐེངས་བཅུ་གཅིག་པ་དེ་ལེགས་གྲུབ་བྱུང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱགོས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་པདྨ་དངོས་གྲུབ།