བོད་མིའི་གཞུང་འཛིན་གསར་པའི་འོག་མདུན་བསྐྱོད་གནང་ཕྱོགས།
2021.05.19
ཐེངས་འདིའི་ཁ་བའི་གྲོས་རྭའི་ལེ་ཚན་ནང་བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་དང་གཞུང་འཛིན་གསར་པ་ཞིག་གི་འོག་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མདུན་བསྐྱོད་ཇི་ལྟར་བྱེད་དགོས་མིན་སྐོར། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་སྐུ་ངོ་བློ་བཟང་སྦྱིན་པ་ལགས་དང་། ཨ་རིའི་ཁོ་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་ཆབ་སྲིད་ཐོག་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཚེ་དབང་རིག་འཛིན་ལགས་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་གསན་རོགས་གནང་།