རྒྱ་གར་ནང་གནས་སྡོད་བོད་མི་ཚོའི་སྐྱབས་བཅོལ་ཡིག་ཆ་དང་འབྲེལ་བའི་བཀའ་རྒྱ།


2020.08.24
རྒྱ་གར་ནང་གནས་སྡོད་བོད་མི་ཚོའི་སྐྱབས་བཅོལ་ཡིག་ཆ་དང་འབྲེལ་བའི་བཀའ་རྒྱ། རྒྱ་གར་ནང་གནས་སྡོད་བོད་མི་སུ་ཞིག་ས་གནས་གཞན་ཞིག་ཏུ་བདུན་ཕྲག་བརྒྱད་ལྷག་གནས་སྡོད་བྱ་དགོས་བྱུང་ཚེ་སོ་སོའི་སྐྱབས་བཅོལ་ཡིག་ཆའམ་RC་ས་གནས་དེར་གནས་སྤོས་ཞུ་དགོས་ཞེས་བཀའ་རྒྱ་བཏང་འདུག
ཊི་སྦེཊ་ཇོར་ནལ།

༄༅།།ཉེ་ལམ་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་རྡ་ས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་རམ་RCདང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་ལྡི་ལི་སྐུ་ཚབ་དོན་ཁང་དུ་ཡིག་ཆ་ཨང་། ༢༥༠༢༢།༠༥།༢༠༠༩(1V-Vol-111(Part-111) ཞེས་ཕུལ་འདུག་པའི་དགོངས་དོན་བཞིན་འདི་གའི་ས་གནས་འགོ་འཛིན་ལས་ཁུངས་ནས་སོ་སོའི་ཁྱབ་ཁོངས་བོད་མི་ཁོ་ནར་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་དུས་འགྱངས་དང་། རྒྱ་གར་ནས་ཕྱིར་བསྐྱོད་ཆོག་པ།(Exit Permit) དེ་བཞིན་ཕྱིར་ལོག་མཐོང་མཆན་(Return Visa)སོགས་ས་གནས་འདིར་གནས་སྡོད་དངོས་འབྲེལ་ཡིན་པའི་དཔང་རྟགས་སོགས་ཡིག་ཆ་གཞན་དགོས་རིགས་ལ་རྒྱབ་གཉེར་གནང་འཐུས་ཆོག་མཆན་བསྩལ་ཡོད་པ་མ་གཏོགས། ས་གནས་གཞན་གྱི་ཁུངས་སུ་གཏོགས་པའི་བོད་མིར་རྒྱབ་གཉེར་དེ་རིགས་གནང་ཐལ་མེད་པའི་བཀའ་རྒྱ་ཕེབས་བཞིན་ལག་བསྟར་དམ་དོན་ཞུ་རྒྱུ་དང་། དེ་བཞིན་བོད་མི་སུ་ཞིག་ས་གནས་གཞན་ཞིག་ཏུ་བདུན་ཕྲག་བརྒྱད་ལྷག་གནས་སྡོད་བྱ་དགོས་བྱུང་ཚེ་སོ་སོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་རམ་RC་ས་གནས་དེར་གནས་སྤོས་ཞུ་དགོས་ཞེས་བཀའ་རྒྱའི་དགོངས་དོན་བཞིན་ལག་བསྟར་གནང་ཕྱོགས་ཡོང་བའི་འབོད་སྐུལ་ཞུ་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།།

གསར་འགོད་པ་བློ་བཟང་དགེ་ལེགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎