དགོན་སྡེ་ཁག་གི་རྒྱབ་སྐྱོར་འོག་ཧེ་མ་ཅལ་ས་གནས་སུ་བོད་མི་རྣམས་ལ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ཐེངས་གཉིས་པ་བརྒྱབ་ཡོད་པ།

2021.09.08
དགོན་སྡེ་ཁག་གི་རྒྱབ་སྐྱོར་འོག་ཧེ་མ་ཅལ་ས་གནས་སུ་བོད་མི་རྣམས་ལ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ཐེངས་གཉིས་པ་བརྒྱབ་ཡོད་པ། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཡིད་ཆེས་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག་ཏོག་དབྱིབས་རིམས་ནད་༡༩པའི་སྔོན་འགོག་སྨན་ཁབ་སྦྱིན་པ་གནང་ཡོད་པ།
དཔལ་སྤུངས་ངོ་དེབ།

བོད་པའི་དགོན་སྡེ་ཁག་གིས་རྒྱབ་སྐྱོར་མཐུན་འགྱུར་འོག་རྒྱ་གར་ཧེ་མ་ཅལ་ས་གནས་བོད་མིའི་གནས་བསྡོད་ཁག་ཏུ་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་ཐེངས་གཉིས་པ་ཉིན་གསུམ་གྱི་རིང་རྒྱག་ཡོད་འདུག
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་རྒྱ་གར་ཧི་མ་ཅལ་མངའ་ཁོངས་ས་གནས་སྦིར་དང་ཅོན་ཏ་ར། སུ་ཇ་བཅས་སུ་གནས་སྡོད་བོད་མི་དང་དགོན་སྡེ་ཁག་གི་དགེ་འདུན་པ་ཡོངས་ལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཡིད་ཆེས་དགེ་རྩ་ཚོགས་པའི་མཐུན་འགྱུར་གྱིས་གཞུང་འབྲེལ་ཆོག་མཆན་འོག་ས་གནས་སྨན་ཁང་ལེགས་གྲས་ཤིག་ནས་འགོག་ཁབ་ཉོ་སྒྲུབ་ཀྱིས་སྨན་པ་དང་འཕྲོད་ལས་པ་ཆེད་དུ་གདན་ཞུས་ཀྱིས་ཏོག་དབྱིབས་རིམས་ནད་༡༩པའི་སྔོན་འགོག་སྨན་ཁབ་གཉིས་པ་སྨན་སྦྱིན་གནང་ཡོད་པའི་སྐོར་སོགས་ཀྱི་ཐད། དཔལ་སྤུངས་ཤེས་རབ་གླེང་གི་ཕྱག་མཛོད་ཚེ་དབང་གྲགས་པ་ལགས་དང་སྦིར་སྡེ་དགེ་ས་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་རྣམ་པ་གཉིས་ལ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཀའ་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎