འཛམ་གླིང་དབུ་ཁྲིད་ཡོངས་ནས་བོད་དོན་ལ་ཐུགས་སྣང་གནང་རོགས།


2014.11.15
འཛམ་གླིང་དབུ་ཁྲིད་ཡོངས་ནས་བོད་དོན་ལ་ཐུགས་སྣང་གནང་རོགས། ཨོ་སི་ཊེ་ལི་ཡའི་ནང་G20ཞེས་འབྱོར་ལྡན་རྒྱལ་ཁབ་༢༠འི་ལྷན་ཚོགས་ཚོགས་ཡུལ་གྱི་མདུན་དུ་བོད་མི་ཚོས་བོད་དོན་ལ་ཐུགས་སྣང་གནང་དགོས་པའི་སྐད་འབོད་བྱེད་བཞིན་པ།
ཨོ་སི་ཊེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ངོ་དེབ།

༄༅༎དེ་རིང་སྤྱི་ཚེས་༡༥ཉིན། ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང༌། ཨོ་ཊི་སི་བོད་དོན་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་མངའ་སྡེའི་བོད་རིགས་མཐུན་ཚོགས་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག། ས་གནས་གཞོན་ནུ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་མཉམ་འབྲེལ་གྱི་ཐོག་ནས། ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་སྦི་རིསི་སྦེན་ནང་ཚོགས་བཞིན་པའི་G20ཞེས་འབྱོར་ལྡན་རྒྱལ་ཁབ་༢༠འི་ལྷན་ཚོགས་ཚོགས་ཡུལ་གྱི་མདུན་དུ་འབོད་ཚིག་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་ས་གནས་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

གསར་འགོད་པ་ནོར་བུ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎