ཐེ་ཝན་དུ་འཁྲབ་སྟོན་ལ་བོད་མིས་ངོ་རྒོལ་བྱས་འདུག


2013.11.27
ཐེ་ཝན་དུ་རྒྱ་ནག་ཀན་སུའུ་ཞིང་ཆེན་མི་རིགས་གླུ་གར་ཚོགས་པ་ཞེས་བས་སྐོར་བསྐྱོད་འཁྲབ་སྟོན་སྐབས་བོད་མིས་ངོ་རྒོལ་བྱེད་བཞིན་པ། ཐེ་ཝན་དུ་འཁྲབ་སྟོན་ལ་བོད་མིས་ངོ་རྒོལ་བྱས་འདུག
པར། བོད་མིའི་སྒྲིག་འཛུགས།

ཐེ་ཝན་དུ་རྒྱ་ནག་ཀན་སུའུ་ཞིང་ཆེན་མི་རིགས་གླུ་གར་ཚོགས་པ་ཞེས་བས་སྐོར་བསྐྱོད་འཁྲབ་སྟོན་བྱས་བར་བོད་མིས་ངོ་རྒོལ་བྱས་འདུག

དེ་ཡང་ཐེ་ཝན་ཁུལ་གྱི་བོད་སོག་ལས་ཁུངས་ཀྱི་གདན་ཞུའི་འོག་རྒྱ་ནག་སྐམ་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་གླུ་གཞས་སྐོར་སྐྱོད་འཁྲབ་སྟོན་ཞེས་པ་ཞིག་གོ་སྒྲིག་དང་། འཁྲབ་སྟོན་གྱི་ནང་དོན་གཙོ་བོ་བོད་དང་སོག་པོ་ཡིན་པ་མ་ཟད། འཁྲབ་སྟོན་བྱེད་མཁན་ཁོངས་བོད་མི་སོགས་གྲངས་ཉུང་མི་རིགས་གཞན་ཁག་ཅིག་ཐེ་ཝན་ནང་འབྱོར་ཏེ། ཕྱི་ཚེས་ ༢༦དགོང་དྲོ་རྒྱལ་ས་ཐེ་པེ་ནང་འཁྲབ་སྟོན་ཐོག་མ་དེ་བྱེད་སྐབས། ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་དང་། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་ལགས། བོད་རིགས་ཚོགས་པའི་སློབ་སྟོན་པ་བཀྲ་ཤིས་ལགས་སོགས་བོད་མི་ཁག་གཅིག་གིས་ལུས་ཐོག་བོད་ཀྱི་རྒྱལ་དར་གྱོན་པ་དང་། ལག་ཏུ་ནང་དོན་བོད་ཀྱི་གླུ་གར་འཁྲབ་སྟོན་བལྟ་བ་དང་དུས་མཚུངས། བོད་མི་ ༡༢༢ ཀྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་རང་ལུས་མེར་བསྲེགས་གནང་བར་དོ་སྣང་གནང་རོགས་ཞེས་རྒྱ་ཡིག་དང་དབྱིན་ཡིག་གི་ཕྲེད་དར་འཕྱར་བ་དང་། ཡིག་ཆ་འགྲེམས་སྤེལ་གནང་བར་ཐེ་ཝན་མི་མང་སྟོང་ཕྲག་མང་པོས་དོ་སྣང་ཆེན་པོ་གནང་ཡོད་སྐོར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་གནས་ཚུལ་སྤེལ་གནང་འདུག།

གཞན་ཡང་ཐེ་ཝན་གྲོས་ཚོགས་ནང་བོད་སོག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་བའི་ལས་རིམ་སྐབས། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་ཐད་ བོད་སོག་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པ་མཐོང་རྒྱུ་མེད་པའི་སྐོར་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་མང་པོས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎