ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་དབུ་བརྙེས་ནས་མི་ལོ་༣༠ འཁོར་བ།

2023.08.30
ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་དབུ་བརྙེས་ནས་མི་ལོ་༣༠ འཁོར་བ།
མཐུན་འགྱུར་པར་རིས།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནི་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་དབར་འབྲེལ་ལམ་མཐུད་མཁན་གཙོ་བོ་ཞིག་ཆགས་བསྡད་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་འཐབ་རྩོད་ལའང་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན། སྤྱིར་བོད་མི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་འོག་ཐད་ཀར་མིན་ན་ཡང་། གཞུང་འབྲེལ་མིན་པའི་ངོ་བོའི་ཐོག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བཀོད་མངགས་ལྟར་བཀའ་གསུངས་ཅི་སྒྲུབ་ཞུ་བཞིན་ཡོད་པ་རེད། སྐུ་ཚབ་དོན་གཅོད་ཀྱི་སྣེ་ཁྲིད་འོག། བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཚགས་ཚུད་ཡོང་སླད། ལོ་ལྟར་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་གི་ཡོད་པ་བཞིན་འདི་ལོ་ཚོགས་ཆེན་དེ་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རུ་ ཟླ་བ་ ༩ ཚེས་ ༢ ནས་ ༤ བར་ཚོགས་རྒྱུ་རེད་འདུག བྱང་ཨ་རིའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་གསུམ་ཅུ་ཙམ་ཡོད་པ་དེ་དག་འགོ་འཛུགས་དུས་ཡུན་དང་། ཚོགས་མིའི་གྲངས་འབོར། དཔལ་འབྱོར་གྱི་གནས་བབས། སྤྱི་ཁང་ཡོད་མེད། བོད་མི་ཕན་ཚུན་མཐུན་ལམ་སོགས་གནས་སྟངས་ཁག་མ་འདྲ་བ་ཡིན་པ་རེད། ཐེངས་འདིའི་ཁ་བའི་གྲོས་རྭ་ལེ་ཚན་ནང་། ཨ་རིའི་པོརཊ་ལེནཌ་གྲོང་ཁྱེར་དུ་གཏན་གཞི་བྱེད་པའི་ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་དེ་དབུ་བརྙེས་ནས་འདི་ལོ་སྤྱི་ཟླ་༩པའི་ནང་མི་ལོ་༣༠ འཁོར་བའི་དམིགས་བསལ་མཛད་སྒོ་ཞིག་ཚོགས་ཀྱི་ཡོད་པ་དང་བསྟུན་ཚོགས་པ་དེའི་ཐོག་མའི་བྱུང་རིམ་དང་ད་ལྟའི་ཕྱོགས་ཡོང་གི་གནས་སྟངས་སོགས་ཀྱི་སྐོར་ད་ལྟའི་ལས་ཐོག་ཚོགས་གཙོ་ཕྱོར་ཚང་འཇམ་དབྱངས་བཀྲིས་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱས་པ་གསན་རོགས་གནོངས།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎