བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཐད་ཞུ་གཏུག་གི་ལས་འགུལ།
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འཛམ་གླིང་ས་ཕྱོགས་གང་སའི་རྒྱལ་ཁབ་ཡུལ་ལུང་སོ་སོའི་གཞུང་དང་གྲོས་ཚོགས་འཐུས་མི་ཚོར་ཞུ་གཏུག་གནང་གི་ཡོད་པ་དང་། འདི་ལོ་ཕྱི་ཟླ་ ༣ ཚེས་ ༢༧ དང་ ༢༨ སོ་སོར་ཨ་མི་རི་ཀའི་ནང་གི་བོད་མི་ཨ་རིའི་མི་སེར་གནས་བབ་ཡོད་པ་ཚོས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིར་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཐད་ཞུ་གཏུག་གི་ལས་འགུལ་གནང་གི་ཡོད་པས། བོད་མི་ཚོས་ཞུ་གཏུག་ལས་འགུལ་གྱི་གལ་འགངས་ལ་ལྟ་ཚུལ་ཇི་འདྲ་ཡོད་མེད་དང་། ལས་འགུལ་འདི་བརྒྱུད་མངའ་སྡེ་སོ་སོའི་གྲོས་ཚོགས་འཐུས་མིར་ཤུགས་རྐྱེན་ཇི་ཐེབས་སྐོར་དཔྱད་གཞིའི་སླད་ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།