རྒྱ་གར་ལ་དྭགས་སུ་བོད་མི་འབྲོག་པའི་སྒོ་ཕྱུགས་སེམས་ཅན་ལ་རིམས་ནད་ཁྱབ་བརྡལ་བྱུང་སྟེ་མང་པོར་ཤི་སྐྱོན་འབྱུང་བཞིན་པ།

རྒྱ་གར་བྱང་ཕྱོགས་ལ་དྭགས་གླེད་ཉེ་འགྲམ་དུ་གནས་བསྡོད་བྱེད་མཁན་དུད་ཅིག་ཟེར་བའི་ས་གནས་ཀྱི་བོད་མི་འབྲོག་པའི་སྒོ་ཕྱུགས་སེམས་ཅན་ལ་ཁ་ཚ་རྨིག་ཚ་ཞེས་པའི་དུད་འགྲོའི་ཁ་དང་རྐང་ནད་ཀྱི་རིམས་ནད་ཅིག་ཁྱབ་བརྡལ་བྱུང་ནས་ར་ལུག་བརྒྱ་ཕྲག་མང་པོ་ཤི་སྐྱོན་བྱུང་ཡོད་པ་རེད། གནས་ཚུལ་དེ་ཐོས་རྗེས་བོད་མིའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་བྲང་དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་དང་བོད་མི་སྒེར་པ་བཅས་ཀྱིས་ཐུགས་འཁུར་རོགས་སྐྱོར་འོག་གོད་ཆགས་ཕྲད་ཡུལ་བོད་མིའི་འབྲོག་པའི་ཁྱིམ་ཚར་ཚོར་ངལ་སེལ་ཀྱི་རོགས་དངུལ་གང་འཚམ་ཡོང་དང་ཡོང་བཞིན་ཡོད་ཀྱང་། ཟླ་བ་གཅིག་ཕྱིན་པའི་རྗེས་སུ་ད་དུང་ཡང་ནད་ཡམས་ཁྱབ་བརྡལ་བཀག་འགོག་ཐུབ་མེད་ཅིང་ར་ལུག་ཤི་སྐྱོན་ཉུང་དུ་ཕྱིན་ཡང་འགོག་ཁབ་མེད་པར་བརྟེན། ད་དུང་ཡང་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་རེད་། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ལ་དྭགས་གླེད་ནས་དོན་རྐྱེན་དེ་དག་རྒྱུན་ལོན་མཁན་བོད་རིགས་བུད་མེད་སྒྲོལ་མ་ལྷ་མོ་ལགས་དང་ལ་དྭགས་ས་གནས་གཞོན་ནུའི་ཚོགས་གཙོ་ཀུན་བཟང་བདེ་ཆེན་ལགས་ཁོང་རྣམ་པ་གཉིས་དང་ལྷན་དུ། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འབྲེལ་ཡོད་གནས་ཚུལ་ཐད་བཅར་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག